55096

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཉག་སྐུ་ཕྲེང་དང་པོ་བློ་གྲོས་དར་རྒྱས་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ཕྱི་ལོ་ ༡༦༧༥ ལོར། མདོ་སྨད་སྐུ་འབུམ་ཉེ་འགྲམ་བུམ་པར་རྟེའུ་ཆུང་དུ་འཁྲུངས། སྐུ་འབུམ་དང་དབུས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་ཁག་ལ་ཐུགས་གཉེར་གྱིས་གསང་ཕུར་ཕེབས་ནས་བཀའ་བཅུའི་མཚན་བཏགས་བཞེས། སྐུ་འབུམ་རྒྱུད་ཁྲི་དང་དེ་གའི་གདན་རབས་ཉེར་བདུན་པར་ཕེབས། ཁྲི་ཀར་མི་ཉག་དགོན་བཀྲ་ཤིས་ཆོས་འཕེལ་གླིང་དང། ཧོར་རྒྱ་བསམ་གཏན་གླིང། དགའ་ལྡན་དར་རྒྱས་གླིང་བཅས་ཕྱག་འདེབས་མཛད། དགུང་ལོ་བདུན་ཅུ་རྩ་དགུ་བ་རབ་བྱུང་བཅུ་གསུམ་པའི་ཆུ་བྱ་ཕྱི་ལོ་ ༡༧༥༣ ལོར་ཁྲི་ཀ་རུ་དགོངས་པ་རྫོགས། གསུང་རྩོམ་སྐྱེས་རབས་སོ་བཞི་བའི་སྟོད་ཆའི་འགྲེལ་བ་སོགས་ཡོད།