55099

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཉག་སྙན་ལམ་དགོན་ (1)
Part of speech མིང་ཚིག
Definition ཐུབ་བསྟན་ལེགས་བཤད་བཟང་པོས་རབ་བྱུང་བཅོ་ལྔར་རི་ཁྲོད་ཤིག་བཏབ། རྗེས་སུ་བླ་སེར་ཇེ་མང་གྱུར་ནས་དགོན་པར་གྱུར། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། ཇ་ལ་རྒྱལ་པོའི་བུ་ཀཿཐོག་ཞིང་སྐྱོང་རྣམ་གཉིས་ཡུན་རིང་པོ་བཞུགས། ད་ལྟར་ཡང་བསྟན་པའི་བདག་པོ་མཆོག་སྤྲུལ་རྟ་མགྲིན་རིན་པོ་ཆེ་དང་། གསེར་ཐང་བླ་རུང་ཆོས་ཀྱི་གྲོང་ཁྱེར་ན་བཞུགས་པའི་མཁན་གུ་རུ་སོགས། མཁན་པོ་ཉི་ཤུ་ལྷག་བཞུགས།