55100

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཉམས་པའི་རྒྱུ་བསྟེན་པ་གསུམ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་འབྲུ་འགྲེལ་སྐབས་དགུ་པ་ལམ་བསླབ་བྱ་ལས་བྱུང་བ་སྟེ། ༡ ཚེ་འདིར་མི་ཉམས་པའི་རྒྱུ་ནི། སེམས་བསྐྱེད་པའི་ཕན་ཡོན། ཉམས་པའི་ཉེས་དམིགས། རྙེད་དཀའ་ཡང་ཡང་དྲན་པའོ། ། ༢ ཕྱི་མར་མི་ཉམས་པའི་རྒྱུ་ནི། ཡན་ལག་བདུན་པ་བྱ་བ། གསོལ་བ་འདེབས་པ། ཆོས་དང་འགལ་བའི་བདུད་ལས་སྤོང་བའོ། ། ༣ གཉིས་ཀར་མི་ཉམས་པའི་རྒྱུ་ནི། སེམས་ཅན་ལ་རང་ལས་གཅེས་པ། ཆོས་ལ་ནོར་བས་གཅེས་པ། བྱང་སེམས་ལ་སྙིང་བས་གཅེས་པ། བཤེས་གཉེན་ལ་ཕ་མ་བས་གཅེས་པ། སངས་རྒྱས་ཐོབ་པ་ལ་ལོངས་སྤྱོད་བས་གཅེས་པའོ། །
Domain ཆོས་ལུགས།