55105

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཏྲ་ཛོ་གི་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་གྲུབ་ཆེན་ཞིག དུས་རབས་བཅུ་གཉིས་པར་རྒྱ་གར་ཤར་ཕྱོགས་རཌྷའི་ཡུལ་གྱི་གྲོང་ཁྱེར་ཆེན་པོར་འཁྲུངས། ཏིལླི་པའི་དངོས་སློབ་རོལ་བའི་རྡོ་རྗེའི་རྗེས་སུ་བཟུང་ནས་ཁ་སརྦ་ཎ་ལོ་བཅུ་གཉིས་བསྒོམས་པས་སྤྱན་རས་གཟིགས་འཁོར་དང་བཅས་པ་མངོན་སུམ་དུ་བྱོན་ནས་ཆོས་བསྟན་པས་གྲུབ་པ་བརྙེས་པའོ། །དགུང་ལོ་ཉི་ཤུ་པ་ལ་འོད་མའི་གླིང་དུ་དེ་བ་ཊཱ་ཀིས་རྗེས་སུ་བཟུང་ནས་སྤྱན་རས་གཟིགས་དང་མཇལ། དེ་ནས་ཁྲོ་ཕུ་ལོ་ཙྭ་བ་བྱམས་པའི་དཔལ་གྱིས་བོད་དུ་གདན་དྲངས། གཙང་སྟོད་ལ་ཟླ་བ་བཅོ་བརྒྱད་བཞུགས། མཁས་བཙུན་མང་པོ་ལ་ཆོས་བཀའ་མང་དུ་གསུངས། ཁྲོ་ཕུ་གཙུག་ལག་ཁང་དང་བྱམས་ཆེན་བཞེངས་པར་རབ་གནས་མཛད་ཅིང་བྱིན་གྱིས་བརླབས། མི་ཏྲ་བརྒྱ་རྩར་གྲགས་པའི་དབང་ནི། གྲུབ་ཆེན་དེ་ལས་བརྒྱུད་ནས་བྱུང་བའོ། །