55128
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བྱ་བ་ངན་པའམ་སྡུག་པོ། |
{{#arraymap:མི་དགེ་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། ལུང་དུ་བསྟན་པ་གང་ཞིག། རྣམ་སྨིན་ནག་པའི་རིགས་སུ་གནས་པ། མི་དགེ་བའི་མཚན་ཉིད། |
Domain | ཆོས་ལུགས། |
{{#arraymap:མི་དགེ་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ལུང་དུ་བསྟན་པ་ཡང་ཡིན། རང་འབྲས་རྣམ་སྨིན་ཡིད་མི་འོང་འབྱིན་པའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། མི་དགེ་བའི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། དོན་དམ་པའི་མི་དགེ་བ་ངོ་བོ་ཉིད་ཀྱི་མི་དགེ་བ། མཚུངས་ལྡན་གྱི་མི་དགེ་བ། ཀུན་སློང་གི་མི་དགེ་བ་དང་བཞི་ཡོད། དང་པོ་ནི། འཁོར་བ་ལྟ་བུ། གཉིས་པ་ནི། མ་དད་པ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་ལྟ་བུ། གསུམ་པ་ནི། དེ་རྣམས་དང་མཚུངས་ལྡན་གྱི་སེམས་བྱུང་ལྟ་བུ། བཞི་པ་ནི། མི་དགེ་བའི་ལས་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ལྟ་བུ། དང་པོ་དེ་མི་དགེ་བ་བཏགས་པ་བ་ཡིན་ནོ། ། |
{{#arraymap:མི་དགེ་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དགེ་མི་དགེ་ལུང་མ་བསྟན་གསུམ་གང་རུང་གང་ཞིག སྡུག་བསྔལ་འབྱིན་པའི་རིགས་སུ་གནས་པ་དེ། མི་དགེ་བའི་མཚན་ཉིད་ཡིན། མི་དགེ་བ་དེ་ལ་ཡང་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། དོན་དམ་པའི་མི་དགེ་བ། ངོ་བོ་ཉིད་ཀྱི་མི་དགེ་བ། མཚུངས་ལྡན་གྱི་མི་དགེ་བ། ཀུན་སློང་གི་མི་དགེ་བ་དང་བཞི་ཡོད། བདེན་འཛིན་དང་འཁོར་བ་དང་པོ་ཡིན། མི་དགེ་བར་གྱུར་པའི་སེམས་སེམས་བྱུང་རྣམས་གཉིས་པ་དེ་ཡིན། དེ་དང་མཚུངས་ལྡན་གྱི་སེམས་བྱུང་རྣམས་གསུམ་པ་དེ་ཡིན། མི་དགེ་བས་བློས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་དེ་རྣམས་བཞི་པ་དེ་ཡིན། ། |
{{#arraymap:མི་དགེ་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྣམ་སྨིན་ཡིད་དུ་མི་འོང་བ་མི་བདེ་བ་མྱོང་བ་ནི་མི་དགེ་བའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། མཚན་ཉིད་ནི་ལུང་དུ་བསྟན་པ་གང་ཞིག སྐྱེས་བུ་དམ་པས་སྤང་བར་བྱ་བ་མི་དགེ་བའི་མཚན་ཉིད། དབྱེ་ན་དོན་དམ་པའི་མི་དགེ་བ་དང། ངོ་བོ་ཉིད་ཀྱི་མི་དགེ་བ། མཚུངས་ལྡན་གྱི་མི་དགེ་བ། ཀུན་སློང་གི་མི་དགེ་བ་དང་བཞིའོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
{{#arraymap:མི་དགེ་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རང་འབྲས་ཡིད་དུ་མི་འོང་བ་འབྱིན་པར་བྱེད་པའི་ལས་ཏེ། ལུས་ངག་ཡིད་གསུམ་གྱི་ཉེས་པར་སྤྱད་པ་རྣམས་སོ། །དབྱེ་ན་མི་དགེ་བ་བཅུ་དང་། ཡང་ན་མི་དགེ་བ་བཞིར་དབྱེ་ཆོག མི་དགེ་བ་དེ་དག་ཐམས་ཅད་ཀྱིས་བདག་པོ་དང་རྒྱུ་མཐུན་དང་རྣམ་པར་སྨིན་པའི་འབྲས་བུ་གསུམ་གསུམ་འབྱིན་ཏེ། དེ་ལ་མི་དགེ་བ་ཆེན་པོས་དམྱལ་བ་དང་། འབྲིང་གིས་དུད་འགྲོ་དང་། ཆུང་ངུས་ཡི་དྭགས་སུ་སྨིན་པར་འགྱུར་པ་འདི་ནི་རྣམ་སྨིན་གྱི་འབྲས་བུའོ། །རྒྱུ་མཐུན་གྱིས་ནི། དཔེར་ན་མི་རྣམས་དང་སྐལ་བ་མཉམ་པར་འོངས་ན་ཡང་སྲོག་གཅོད་པས་ནི་ཚེ་ཐུང་བར་འགྱུར་བ་དང་། མ་བྱིན་པ་ལེན་པས་ནི་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་བ་དང་། རྫུན་དུ་སྨྲ་བས་ནི་སྐུར་བ་མང་པོར་འགྱུར་བ་དང་། ཕྲ་མས་ནི་མཛའ་བོ་དང་འབྱེད་པར་འགྱུར་བ་དང་། ཚིག་རྩུབ་པོས་ནི་ཡིད་དུ་མི་འོང་བའི་སྒྲ་ཐོས་པར་འགྱུར་བ་དང་། ཚིག་ཀྱལ་པས་ནི་གཟུང་བར་མི་འོས་པར་འགྱུར་བ་དང་། བརྣབ་སེམས་ཀྱིས་ནི་འདོད་ཆགས་ཤས་ཆེ་བར་འགྱུར་བ་དང་། གནོད་སེམས་ཀྱིས་ནི་ཞེ་སྡང་ཤས་ཆེ་བར་འགྱུར་བ་དང་། ལོག་པར་ལྟ་བས་ནི་གཏི་མུག་ཤས་ཆེ་བར་འགྱུར་ཏེ། དེ་ལ་ནི་གཏི་མུག་མང་པོའི་ཕྱིར་རོ། །དེ་རྣམས་དེ་དག་གི་རྒྱུ་མཐུན་པའི་འབྲས་བུའོ། །བདག་པོའི་འབྲས་བུ་ནི། སྲོག་གཅོད་པས་ནི་གཟི་བྱིན་ཆུང་ངུར་འགྱུར་བ་དང་། བརྐུས་པ་ཡིས་ནི་ལོ་ཐོག་ལ་སེར་བ་བཙའ་བ་དང་། འདོད་ལོག་གིས་ནི་སྤུས་ངན་པས་རྡུལ་འཁྲིགས་ཅན་དུ་འགྱུར་བ་དང་། རྫུན་གྱིས་ནི་དྲི་ངར་འགྱུར་བ་དང་། ཕྲ་མས་མཐོན་དམན་ཅན་དུ་འགྱུར་བ་དང་། ཚིག་རྩུབ་ཀྱིས་ཚྭ་སྒོ་ཅན་དུ་འགྱུར་བ་དང་། ངག་ཀྱལ་པས་དུས་ལོག་སྟེ་ཆར་དུས་སུ་མི་འབབ་པ་སོགས་སུ་འགྱུར་བ་དང་། བརྣབ་སེམས་ཀྱིས་འབྲས་བུ་ཕྲ་མོར་འགྱུར་བ་དང་། གནོད་སེམས་ཀྱིས་འབྲས་བུ་ཁ་བར་འབྱུང་བ་དང་། ལོག་ལྟས་ནི་འབྲས་བུ་ཆུང་བའམ་མེད་པར་འགྱུར་བ་སྟེ། དེ་དག་རྣམས་བདག་པོའི་འབྲས་བུའོ། ། |
Antonyms | དགེ་བ། |
{{#arraymap:མི་དགེ་བ་
|; |@@@ | | }}