55130

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་དགེ་བ་བཅུ་ (1)
Part of speech མིང་ཚིག
Definition ལུས་ངག་ཡིད་གསུམ་གྱི་ཉེས་པར་སྤྱད་པ་ཆེ་ལོང་བསྡུས་པ་རྣམས་ཏེ། སྲོག་གཅོད། མ་བྱིན་ལེན། འདོད་ལོག་སྤྱོད། རྫུན་དུ་སྨྲ་བ། ཕྲ་མ། ཚིག་རྩུབ། ངག་ཀྱལ། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་བཅུ། འདི་དག་ནི་མི་དགེ་བའི་ལས་ལམ་གྱི་རགས་རིམ་ཙམ་ཞིག་བསྡུས་ཀྱི་ཐམས་ཅད་ནི་མ་ཡིན་ཏེ། མི་དགེ་བའི་ལུས་ཀྱི་ལས་གསུམ་གྱི་སྦྱོར་མཇུག་དང་། ཉོན་མོངས་པ་ཅན་གྱི་ལུས་ཀྱི་ལས་མི་ཚངས་སྤྱོད་པ་དང་རྡེག་པ་དང་འཆིང་བ་ལ་སོགས་པ་དང་། སྲོག་གཅོད་ཀྱི་སྦྱོར་བ་ཡིན་པས་མཚམས་མེད་ལྔའི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཉེ་བ་ལྔའི་མཆོད་རྟེན་འཇིག་པའམ་མ་བསྡུས་ཤིང་། ངག་གི་ལས་ཆུང་བ་དག་ཀྱང་མ་བསྡུས་ལ། ཡིད་ཀྱི་ལས་ཁྲོ་བ་ལ་སོགས་པ་དགུ་དང་ངོ་ཚ་ཁྲེལ་མེད་དང་སེམས་པ་མི་དགེ་བ་དག་ཀྱང་མ་བསྡུས་སོ། །
Domain ཆོས་ལུགས།