55132

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་དགེ་བ་བཅུའི་ལས་ཀྱི་བདག་པོའི་འབྲས་བུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མི་དགེ་བ་བཅུ་པོ་ཐམས་ཅད་ཀྱིས་ཀྱང་བདག་པོ་དང་རྒྱུ་མཐུན་པ་དང་རྣམ་པར་སྨིན་པའི་འབྲས་བུ་གསུམ་གསུམ་འབྱིན་པར་འདོད་དེ། བདག་པོའི་འབྲས་བུ་ནི་ཡུལ་ངན་པ་རྣམས་སུ་སྐྱེ་བར་འགྱུར་ཏེ། འདི་ལྟར། གསོད་པས་གཟི་ཆུང་བརྐུས་པ་ཡིས། །སེར་བ་བཙའ་ཆར་འདོད་ལོག་གིས། །རྡུལ་འཁྲིགས་ཅན་འགྱུར་རྫུན་གྱིས་ནི། །དྲི་ང་ཕྲ་མས་མཐོན་དམན་ཅན། །རྩུབ་པོས་ཚྭ་སྒོ་ཅན་དང་ནི། །དགོན་གདུང་ཐ་ཆད་སྡིག་པ་ཅན། །ཀྱལ་པས་དུས་ལོག་བརྣབ་སེམས་ཀྱིས། །འབྲས་བུ་ཕྲ་དང་གནོད་སེམས་ཀྱིས། །འབྲས་བུ་ཁ་དང་ལོག་ལྟས་ནི། །འབྲས་བུ་ཆུང་བའམ་མེད་པར་འགྱུར། །ཞེས་ཤེས་པར་བྱའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།