From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ (1)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པའི་མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་དབུ་མ་ཀི་པར་བཞུགས།
|
མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ (2)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་མི་དགེ་བ་བཅུའོ་ལས་ཀྱི་ལམ་བསྟན་པ། རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར། བསྟན་འགྱུར་སྤྲིང་ཡིག་ང་པར་བཞུགས།
|