55140

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་དགེ་བའི་བདག་པོའི་འབྲས་བུ་ (1)
Part of speech མིང་ཚིག
Definition རང་རྒྱུ་མི་དགེ་བས་རང་དབང་དུ་བསྐྱེད་པར་བྱ་བ་སྟེ། རྒྱུ་མི་དགེ་བའི་ལས་ཀྱི་ལམ་གྱིས་བྱས་པ་ཡུལ་ངན་པར་སྐྱེས་ནས་བདག་པོ་བྱེད་པ་བྱེད་རྒྱུའི་འབྲས་བུ་རྣམས་སོ། །དཔེར་ན་མིར་སྐྱེས་པ་རྣམས་ཀྱིས་སྲོག་གཅོད་པས་ནི་གཟི་བྱིན་ཆུང་ངུར་འགྱུར་བ་དང་། བརྐུས་པ་ཡིས་ནི་ལོ་ཐོག་ལ་སེར་བ་བཙའ་བ་དང་། འདོད་ལོག་གིས་ནི་སྤུས་ངན་པས་རྡུལ་འཁྲིགས་ཅན་དུ་འགྱུར་བ་དང་། རྫུན་གྱིས་ནི་དྲི་ངར་འགྱུར་བ་དང་། ཕྲ་མས་མཐོན་དམན་ཅན་འགྱུར་བ་དང་། ཚིག་རྩུབ་ཀྱིས་ཚྭ་སྒོ་ཅན་དུ་འགྱུར་བ་དང་། ངག་ཀྱལ་པས་དུས་ལོག་སྟེ་ཆར་དུས་སུ་མི་འབབ་པ་ལ་སོགས་པར་འགྱུར་བ་དང་། བརྣབ་སེམས་ཀྱིས་འབྲས་བུ་ཕྲ་བ་ལས་མི་འབྱུང་བ་དང་། གནོད་སེམས་ཀྱིས་འབྲས་བུ་ཁ་བ་འབྱུང་བ་དང་། ལོག་ལྟས་ནི་འབྲས་བུ་ཆུང་བའམ་མེད་པར་འགྱུར་བ་སྟེ། དེ་རྣམས་མི་དགེ་བ་དེ་དག་གི་བདག་པོའི་འབྲས་བུའོ། །
Domain ཆོས་ལུགས།