55144
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མི་དགེ་བའི་ལས་ཀྱི་ལམ་དེ་དག་གི་ཀུན་ནས་སློང་བྱེད་ཉོན་མོངས་རྣམས་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྟེ། མི་དགེ་བ་དེ་དག་གི་སྦྱོར་བ་སྐྱེས་པར་བྱེད་པས་དེ་གསུམ་ནི་མི་དགེ་བའི་རྩ་བའོ། །འདི་ལྟར་ཆགས་པ་དེའི་མཇུག་ཐོགས་ལས་བརྣབ་སེམས་ལ་སོགས་པ་བྱུང་བ་དང་། ལོག་གཡེམ་དང་བརྣབ་སེམས་མ་བྱིན་ལེན་སོགས་ཆགས་པས་རྫོགས་པར་བྱེད་དོ། །ཞེ་སྡང་གི་མཇུག་ཐོགས་སུ་གནོད་སེམས་འབྱུང་བ་དང་། གསོད་དང་གནོད་སེམས་ཚིག་རྩུབ་གསུམ་པོ་ཞེ་སྡང་གིས་ནི་མཐར་ཕྱིན་པར་བྱེད་ལ། གཏི་མུག་གི་མཇུག་ཐོགས་སུ་ལོག་ལྟ་ལ་སོགས་པ་འབྱུང་བ་དང་། ལོག་པར་ལྟ་བ་ནི་གཏི་མུག་གིས་མཐར་ཕྱིན་པར་ཡང་བྱེད་པའི་ཕྱིར་ན་མི་དགེ་བ་རྣམས་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པའོ། །ལྷག་མ་རྫུན། ཕྲ་མ། ཚིག་ཀྱལ་པ་གསུམ་ཆགས་སྡང་རྨོངས་གསུམ་གྱིས་རྫོགས་པར་འདོད་དོ། ། |
| Domain | ཆོས་ལུགས། |