55147

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་དགེ་བའི་ལས་ (1)
Part of speech མིང་ཚིག
Definition སྡིག་པ་ཉེས་པར་སྤྱོད་པ་སྟེ། །རྣམ་སྨིན་སྡུག་བསྔལ་སྐྱེེད་པར་བྱེད། །ཅེེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ལུང་དུ་བསྟན་པའི་ལས་གང་ཞིག རང་གི་འབྲས་བུ་སྡུག་བསྔལ་འབྱིན་པར་བྱེད་པའི་རིགས་སུ་གནས་པ་མི་དགེ་བའི་ལས་ཀྱི་མཚན་ཉིད་དོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། མི་དགེ་བའི་ཉོན་མོངས་དུག་གསུམ་གང་རུང་དང་ལྡན་པའི་ངོ་ཚ་མེད་པ་དང་ཁྲེལ་མེད་པའི་བློས་ཀུན་ནས་བསླང་བའི་སྒོ་གསུམ་གྱི་འདུ་བྱེད་རྣམ་སྨིན་སྡུག་བསྔལ་སྟེར་བ་ཡིན་ཏེ། རྫོགས་པའི་སངས་རྒྱས་ཀྱིས་བྱར་མི་རུང་དུ་བཀག་པའི་ཉེས་པའི་སྤྱད་པ་ཡིན་པའི་ཕྱིར་རོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།