55149

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་དགེ་བའི་ལས་ཀྱི་འབྲས་བུའི་གྲངས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ལས་གང་ཞིག་འབྲས་བུ་ལྔ་ལས་འབྲས་བུ་དུ་ཞིག་གིས་འབྲས་བུ་དང་བཅས་པ་ཡིན་ཞེ་ན། མི་དགེ་བའི་འབྲས་བུ་དགེ་བ་ཡིན་པ་ལ་ནི་རིམ་པ་བཞིན་དུ་འབྲས་བུ་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་ཡིན་ཏེ། རྣམ་སྨིན་དང་རྒྱུ་མཐུན་དང་བྲལ་བའི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །མི་དགེ་བས་མི་དགེ་བ་བསྐྱེད་པ་ལ་ནི་སྐྱེས་བུ་བྱེད་པ་དང་བདག་པོ་དང་རྒྱུ་མཐུན་པའི་འབྲས་བུ་གསུམ་ཡིན་ཏེ། རྣམ་སྨིན་དང་བྲལ་འབྲས་མི་སྲིད་པའི་ཕྱིར་རོ། །མི་དགེ་བའི་ལས་ཀྱིས་ལུང་མ་བསྟན་སྐྱེད་པ་ལ་འབྲས་བུ་བཞི་ཡིན་ཏེ། བྲལ་འབྲས་མ་གཏོགས་པའི་ཕྱིར་རོ། །མི་དགེ་བས་ལུང་མ་བསྟན་བསྐྱེད་པ་ལ་རྒྱུ་མཐུན་གྱི་འབྲས་བུ་ནི་ཉོན་མོངས་ཅན་དུ་འདྲ་བས་ཀུན་འགྲོ་མི་དགེ་བ་སྡུག་བསྔལ་མཐོང་སྤང་གིས། བསྒྲིབས་ལ་ལུང་མ་བསྟན་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་རྣམས་སྐྱེད་པ་ལ་ཡིན་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།