55157
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མི་དགེ་བའི་ས་མང་པོ་བ་ནི། ངོ་ཚ་མེད་པ་དང། ཁྲེལ་མེད་པ་ཡིན་ཏེ་མི་དགེ་བའི་སེམས་ལ་རྟག་ཏུ་འབྱུང་བའི་ཕྱིར་རོ། །དེ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡོན་ཏན་དང་ཡོན་ཏན་ཅན་རྣམས་ལ་མ་གུས་པ་ནི་ངོ་ཚ་མེད་པ་ཡིན་ལ། ཁྲེལ་མེད་པ་ནི་ཁ་མ་ཐོ་བ་མི་དགེ་བ་ལ་འཇིགས་པར་མི་ལྟ་བའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །ཉེ་ཉོན་བཅུ་ཚན་འོག་མའི་ནང་ནས་ངོ་ཚ་མེད་པ་དང་ཁྲེལ་མེད་པ་གཉིས་ནི་མི་དགེ་བའི་ས་མང་བར་བཞག་སྟེ། ཚོགས་དྲུག་གི་མི་དགེ་བའི་སེམས་ཐམས་ཅད་ལ་འབྱུང་བས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། ། |
| Domain | ཆོས་ལུགས། |