55177

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་དམིགས་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition མི་དམིགས་པའི་རྟགས་ཀྱི་མཚན་ཉིད་ནི། དགག་བྱ་འགོག་ལ་ཚུལ་གསུམ་ཚང་། །ཞེས་བྱ་བ་ཡིན་ནོ། །དབྱེ་བ་ལ་གཉིས་ལས། ངོ་བོ་མི་དམིགས་པ་དང། འགལ་བ་དམིགས་པ་གཉིས་སོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །མ་དམིགས་པའི་རྟགས་ཀྱི་མཚན་ཉིད་ནི། དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས། དེ་ནི་དགག་རྟགས་ཡང་དག་གི་མཚན་ཉིད་ཀྱང་ཡིན་ཏེ། དེ་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས་པའི་མཚོན་བྱ་མིང་གི་རྣམ་གྲངས་པ་ཡིན་པའི་ཕྱིར། འོན་ཀྱང་མ་དམིགས་པའི་རྟགས་ཡང་དག་ནི་སྒྲུབ་བྱེད་ཀྱི་སྒོ་ནས་ཐ་སྙད་བྱས་པ་སྟེ། མ་དམིགས་པའི་གཏན་ཚིགས་ཐམས་ཅད་མཐར་དགག་བྱ་ཚད་མས་མ་དམིགས་པའི་སྒོ་ནས་དགག་བྱ་འགོག་པར་མཚུངས་པའི་ཕྱིར་ཏེ། དགག་པ་ཉིད་ནི་ཐམས་ཅད་དུ། །མི་དམིགས་པ་ལས་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། དགག་རྟགས་ཡང་དག་ནི་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་ཐ་སྙད་བྱས་པ་སྟེ། བསྒྲུབ་བྱའི་ཆོས་དེ་དགག་པ་ཡིན་ན། རྟགས་སུ་དགོད་བྱ་དགག་སྒྲུབ་གང་ཡིན་ཀྱང་དགག་རྟགས་སུ་འགྱུར་བའི་ཕྱིར། དབྱེ་བ་ལ། མི་སྣང་བ་མ་དམིགས་པའི་དགག་རྟགས་ཡང་དག་དང་། སྣང་རུང་མ་དམིགས་པའི་དགག་རྟགས་ཡང་དག་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།