55189

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་དྲེད་ (1)
Part of speech མིང་ཚིག
Definition གཅན་གཟན་དྲེད་མོ་སྟེ། བོད་དུ་ཡོད་པའི་སྲོག་ཆགས་ཤིག་ཡིན། མགོ་བོའི་དབྱིབས་ཟླུམ་ཞིང་། མཆུ་ཅུང་ཟད་རིང་བ་ཡོད། ལུས་པོའི་ལྗིད་ཚད་སྤྱི་རྒྱ་ ༡༠༠ ནས་ ༨༠༠ བར་ཟིན། རྐང་ལག་བཞི་ག་སྦོམ་ཞིང་། རྐང་པ་ལས་ལག་པའི་སྡེར་མོ་རིང་། ལག་མཐིལ་སྲབ་ཅིང་རྐང་མཐིལ་མཐུག རྔ་མ་ཐུང་ཐུང་ཡིན། ཡར་འགྲེངས་ནས་འགྲོ་ཐུབ་ཅིང་། ཤིང་སྡོང་ངོས་ལའང་འཛེགས་ནུས། སྦྲང་རྩི་དང་། ཤ་བ། གླ་བ། དོམ། ཕག་རྒོད་། སྒོ་ཕྱུགས་སོགས་བསད་ནས་ཟ་བ་དང་། ལོ་ཏོག་གི་རིགས་དང་། ཤིང་གི་འབྲས་བུ་སོགས་ཀྱང་ཟ།