55197

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ནུབ་རྒྱལ་མཚན་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་ཉེར་གསུམ་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། འགྲོ་བ་ཀུན་གྱི་བཀུར་ནས་༼གནས༽ཤིང་། ཕྱག་གིས་འོས་པར་མཆོད་བྱེད་ན། མི་ནུབ་རྒྱལ་མཚན་ཕྱག་རྒྱ་ཡིན། ཞེས་གསུངས་པས། དེ་དག་གི་ཚིག་དོན་ནི། སྤྲུལ་པའི་སྐུ་དེ་ཉིད་སྟོང་གསུམ་གྱི་ཞིང་འདིར་འགྲོ་བ་ཇི་སྙེད་ཀྱི་ནང་ནས། འཇིག་རྟེན་མངའ་དབང་ཅན་ཀུན་གྱིས་དད་པ་དང་མོས་པས་གཙུག་གི་རྒྱན་དམ་པར་རབ་ཏུ་བཀུར་བའི་གནས་སུ་གྱུར་ཅིང་། ཕྱག་དང་མཆོད་པ་མི་ཟད་གཏེར་གྱི་མཆོད་སྤྲིན་སྣ་ཚོགས་འབུལ་བར་བྱེད་པ་ཡང་། དོན་དུ་ཀུན་ལས་ཆེ་གཉན་གྱིས་རྣམ་པར་རྒྱལ་ཏེ་མི་ནུབ་པའི་ཚུལ་སྟོན་པར་མཛད་པའི་དོན་ནོ། །
Domain ཆོས་ལུགས།