55200
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་རྒྱས་པར། སྨྲ་བའི་སེང་གེ་མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་གསུང་རབ་རྣམས་ཀྱི་བཞུགས་བྱང་ངོ་མཚར་ནོར་བུའི་མེ་ལོང་ཞེས་གསལ། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་འབུམ་དུ་བཞུགས། མཁས་པ་ཆེན་པོ་ཟེ་ཆེན་མཆོག་སྤྲུལ་པདྨ་རྣམ་རྒྱལ་དང་། མཁན་ཆེན་ཀུན་དཔལ། ཉེ་གནས་བླ་མ་འོད་གསལ་སོགས་སྐྱེས་ཆེན་དུ་མས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྐུ་ཚེ་ཧྲིལ་པོར་སྔ་ཕྱིར་མཛད་པའི་གསུང་གི་བསྡུ་བ་མཛད་པ་ཞིག་སྟེ། གསུང་འབུམ་ཡི་གེར་འཁོད་པ་ཁག་དང་། གཞུང་མཆན་རིགས་མཛད་འཕྲོ་ལུས་པ། སྤར་དུ་འཁོད་མ་ཐུབ་པར་ཕྱག་བྲིས་སུ་ལུས་པ་ཅི་རིགས་བསྡུས་ཤིང་། འཇམ་དབྱངས་བློ་གྲོས་རྒྱ་མཚོས་མཛད་པའི་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་རྣམ་ཐར་ལོ་རྒྱུས་དང་བཅས་ཡོད་པའི་གསུང་རབ་ཀྱི་བཞུགས་བྱང་དཀར་ཆག་ཅིག་ཡིན། |