5522

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁོག་འབུབས་ཤེས་བྱ་རབ་གསལ་ (1)
Part of speech མིང་ཚིག
Definition བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་རབ་བྱུང་བཞི་པའི་ནང་མཛད་པའི་གསོ་བ་རིག་པ་དར་ཚུལ་གྱི་ཆོས་འབྱུང་ཞིག་ཡིན་ཞིང་། དཔེ་རྒྱུན་ཡང་ཧ་ཅང་དཀོན། འདིའི་ནང་སྤྱིར་དམ་པ་རྣམས་ཀྱིས་འགྲོ་བ་རྗེས་སུ་བཟུང་ཚུལ་དང་། བྱེ་བྲག་སྟོན་པ་བྱོན་ཚུལ། བསླབ་གསུམ་གྱི་རྣམ་གཞག་རིག་གནས་སྤྱི་དང་བྱེ་བྲག་གསོ་དཔྱད་དེ་ཉིད་རྒྱ་བོད་དུ་དར་ཚུལ། རྒྱུད་བཞི་དེ་ཉིད་སངས་རྒྱས་ཀྱིས་གསུངས་པ་དང་དྲང་སྲོང་རྣམས་ཀྱིས་བསྡུས། ལོ་ཆེན་བཻ་རོས་བོད་སྐད་དུ་ལེགས་པར་བསྒྱུར་ནས་ཆོས་རྒྱལ་ཁྲི་སྲོང་གི་ཕྱག་ཏུ་ཕུལ་བ་དང་དེས་བསམ་ཡས་དབུ་རྩེའི་ཀ་བ་བུམ་པ་ཅན་དུ་གཏེར་དུ་སྦས། དེ་ནས་གཏེར་སྟོན་གྲྭ་པ་མངོན་ཤེས་ཅན་གྱིས་གཏེར་ནས་དྲངས། ཕྱིས་གཡུ་ཐོག་ཡོན་ཏན་མགོན་པོས་ཁ་སྣོན་གྱི་དར་རྒྱས་མཛད་ཚུལ་སོགས་ཞིབ་པར་འཁོད་ཡོད།