From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མི་བཟོད་པ་ (1)
| Part of speech
|
མཚུངས་ཚིག
|
| Definition
|
མཚུངས་གསལ་གྱི་སྒྲ་སྡེ་ཚན་གསུམ་པའི་བཅོ་ལྔ་པ་དཔེ་རྒྱན་གསལ་བྱེད་དེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
|
| Example
|
རྒྱལ་དབང་ལྔ་པས། ལང་ཚོ་དར་བའི་སྐེད་མེད་སོར་མོ་ཡིས། །དབྱར་སྐྱེས་ལྕུག་ཕྲན་གཞོན་ནུ་མི་བཟོད་བྱེད། །ཅེས་པ་ལྟ་བུ།
|
| Domain
|
རྩོམ་རིག
|
མི་བཟོད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ཕྲག་དོག་གི་དོན་སྟེ།
|
| Example
|
གཞན་གྱི་དགེ་མཚན་མཐོང་ན་སེམས་ཀྱིས་མི་བཟོད་པ་ཞིག་རེད་ལྟ་བུ།
|