55252

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་བསླུ་བའི་ཆོས་གསུམ་ (1)
Part of speech མིང་ཚིག
Definition མི་བསླུ་ལས་དང་བྱེད་པོ་དང་། །བྱ་བ་གསུམ་གྱི་བདག་ཉིད་ཅན། །ཞེས་བྱ་བ། གང་མི་བསླུ་ནི། ཤེས་པ་མ་འཁྲུལ་པ་དོན་ཇི་ལྟར་གནས་པ་ལྟར་ཡོད་པ་ལ་ཡོད་པར་ཤེས། མེད་པ་ལ་མེད་པར་ཤེས་པ་དེ་མི་བསླུ་བའོ། །གང་ལ་མི་བསླུ་ནི། ཤེས་བྱ་ལ་དོན་རང་མཚན་ཡོད་ན་དོན་བྱེད་ནུས་པར་མི་བསླུ། མེད་ན་དོན་བྱེད་མི་ནུས་པ་ཉིད་མི་བསླུ་བའོ། །ཇི་ལྟར་མི་བསླུ་བ་ནི། དོན་རང་མཚན་ལ་ཞུགས་ན་རང་མཚན་ཐོབ་པ་ལ་མི་བསླུ། རང་མཚན་མེད་པས་དེ་ལ་མི་འཇུག་ན་ལྡོག་པ་པོ་མེད་པ་ཉིད་ལ་མི་བསླུ་བའོ། །དེ་ཡང་རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་ཞེས་གསུངས་པས་སོ། །མ་ཤེས་དོན་གསལ་ཡང་དོན་གྱི་སྒྲས་དོན་བྱེད་ནུས་པའི་དངོས་པོ་ཡིན་ལ། གསལ་བའི་སྒྲ་བློས་དོན་རང་གི་མཚན་ཉིད་རྟོགས་པ་ཡིན་པས་དོན་ལ་མི་མཐུན་པ་མེད་དོ། །དེས་ན་མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་ཀ་ཡང་དོན་དངོས་པོ་ཡོད་མེད་རྟོགས་པ་དང་། དེ་དག་ལ་མི་བསླུ་བར་དོན་མཐུན་ནོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །
Domain ཚད་མ།