55269
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། དཔལ་མགོན་བརྒྱ་རྩ་བརྒྱད་ལས་བསྟན་པའི་བཀའ་སྲུང་སྐོར་ཞིག་སྟེ། རྣམ་པར་རྒྱལ་བའི་བསྐང་མཆོད་ལས། མི་མགོན་དཀར་པོ་བཅུ་གསུམ་ཡང། ཞེས་སོ། །བཅུ་གསུམ་ནི། ཀླུ་རྒྱལ་གཙུག་ན་རིན་ཆེན། ཀླུ་ཡི་རྒྱལ་པོ་དགའ་བོ། ཀླུ་ཡི་རྒྱལ་པོ་རིག་ལྡན། ཀླུ་ཡི་རྒྱལ་པོ་སྟོབས་རྒྱུ། ཀླུ་ཡི་རྒྱལ་པོ་གཟི་ཆེན། ཀླུ་ཡི་རྒྱལ་པོ་ཆུ་ལྷ། ཀླུ་ཡི་རྒྱལ་པོ་པད་མ་ཅན། ཀླུ་ཡི་རྒྱལ་པོ་དུང་སྐྱོང་། ཀླུ་ཡི་རྒྱལ་པོ་ནོར་རྒྱལ། རྒྱལ་རིགས་འོད་ལྡན་དུང་སྐྱོང། རྗེ་རིགས་ཟེར་འཕྲོ་སྟོབས་མཆོག བྲམ་ཟེ་རལ་ཆེན་ཧ་ལ། གདོལ་པ་འཛིན་པ་ལག་མང་བཅས་ཡིན་ནོ། །དེ་དག་གི་སྐུ་མདོག་སོགས་རྣམ་རྒྱལ་མཆོད་གཞུང་ལ་གཟིགས། |
| Domain | ཆོས་ལུགས། |