55272

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་མངལ་ན་འདུག་པ་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition མྱང་འདས་ལེའུ་བདུན་པ་ཚངས་པར་སྤྱོད་པ་ཞེས་བྱ་བའི་ལེའུ་ལས་བྱུང་བ་སྟེ། ༡ མིའི་ནང་ན་རབ་ནི། མངལ་ན་འདུག་པའི་ཚེ་འདི་སྙམ་དུ་བདག་ནི་ཡང་ཐོག་བཟང་པོའམ། སྐྱེད་མོས་ཚལ་ལམ། རྟའམ། བ་གླང་ངམ། གླང་པོ་ཆེ་ལ་ཞོན་ཏེ་རི་མཐོན་པོ་ལ་འཛེག་གོ་སྙམ་སྟེ། མངལ་ནས་བྱུང་བའི་ཚེ་ཡང་དེ་སྙམ་དུ་སེམས་སོ། ། ༢ མི་འབྲིང་ནི། མངལ་ན་གནས་པའི་ཚེ་འདི་སྙམ་དུ་བདག་ནི་སྐྱེས་ཤིང་གི་ཚལ་ལམ། ཆུ་གཙང་མའི་ནང་ངམ། ཁང་ཁྱིམ་བཟང་པོའི་ནང་ན་འདུག་གོ་སྙམ་དུ་སེམས་ཏེ། བྱུང་བའི་ཚེ་ཡང་དེ་སྙམ་དུ་སེམས་སོ། ། ༣ ཐ་མ་ནི། མངལ་ན་འདུག་པའི་ཚེ་བདག་ནི་ཕྱི་ས་ཁུང་ངམ། མི་གཙང་བའི་གནས་སམ། མུན་ནག་ཆེན་པོའི་གནས་ན་གནས་སོ་སྙམ་སེམས་སོ། །བྱུང་བའི་ཚེ་ཡང་དེ་སྙམ་དུ་སེམས་སོ། །
Domain ཆོས་ལུགས།