55281
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཇིག་རྟེན་གྱི་ཁམས་ཏེ། སྙིང་རྗེ་པད་དཀར་ལས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ནི་མི་མཇེད་ཅེས་བྱ་ཞེ་ན། སེམས་ཅན་དེ་དག་འདོད་ཆགས་ལ་མི་མཇེད་པ་དང་། ཞེ་སྡང་ལ་མི་མཇེད་པ་དང་། གཏི་མུག་ལ་མི་མཇེད་པ་དང་། ཉོན་མོངས་པའི་འཆིང་བ་རྣམས་ལ་མི་མཇེད་པས་ཕྱིར། འཇིག་རྟེན་གྱི་ཁམས་དེ་ནི་མི་མཇེད་ཅེས་བྱའོ་ཞེས་གསུངས་པ་དང་། བུ་སྟོན་རིན་པོ་ཆེས། ཞིང་འདི་ལ་མི་མཇེད་ཅེས་ཟེར་བ་ནི། མི་མཇེད་ནི་བཟོད་པའི་མིང་སྟེ། ཉོན་མོངས་པ་དུག་གསུམ་གྱིས་མི་འཕྲོག་ཅིང་འདོད་ཅིང་བཟོད་ལ་སེམས་ཕྲན་ཐུབ་པས་མི་མཇེད་ཅེས་གསུངས་སོ། ། |