55282
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། འདོད་ལྷ་རིགས་དྲུག བསམ་གཏན་དང་པོའི་བར་གྱི་འཇིག་རྟེན་གྱི་ཁམས་ལ་མི་མཇེད་འཇིག་རྟེན་གྱི་ཁམས་ཟེར། མི་མཇེད་ཅེས་པ་ནི་མི་འཕྲོག་པ། ལྡན་པ། ནུས་པ་རྣམས་ལ་འཇུག་པས། ཞིང་འདིར་སྐྱེས་པའི་སེམས་ཅན་རྣམས་ཉོན་མོངས་པ་དང་སྡུག་བསྔལ་དེ་དག་དང་ཤིན་ཏུ་ལྡན་པའམ། ཡང་ན། ཞིང་འདིའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྙིང་སྟོབས་ལྷག་པར་བཟོད་ཅིང་དཔའ་བས་ཕུལ་དུ་བྱུང་བས་དེ་ལྟར་གྲགས་སོ། །དེའི་སྐད་དོད་ནི། ས་ཧཱ་ལོ་ཀ་དྷཱ་ཏུཿཡིན། |
| Domain | ཆོས་ལུགས། |