55287

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་མཉམ་པ་མཉམ་པའི་ཐེག་པ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མི་མཉམ་པ་མཉམ་པའི་ཐེག་པ་ནི། འབྲས་བུའི་ཐེག་པ་མཚན་ཉིད་པའམ། ནང་རྒྱུད་སྡེ་གསུམ་གྱི་ཐེག་པ་ལ་མཚན་གྱི་རྣམ་གྲངས་ལྔར་གྲགས་པའི་ཡ་གྱལ་ཞིག་སྟེ། འདིའི་དོན་ནི། བཀའ་བརྒྱད་རྣམ་བཤད་ལས། མི་མཉམ་པ་དང་མཉམ་པའི་ཐེག་པ་གང་ཞེ་ན། གང་དང་ཡང་མི་མཉམ་པ་ནི་མཐར་ཐུག་འབྲས་བུའི་སྐུ་བརྙེས་པ་དུས་གསུམ་གྱི་སངས་རྒྱས་རྣམས་ཏེ། གསང་སྔགས་འཛིན་པ་ནི་དེ་དག་གི་དགོངས་སྤྱོད་དང་མཉམ་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞེས་གསུངས།
Domain ཆོས་ལུགས།