55303

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་མཐུན་པ་མཐུན་ཕྱོགས་སུ་སྒྲུབ་པ་བཞི་ (1)
Part of speech མིང་ཚིག
Definition བོན། སྔགས། ཡེ་གཤེན་རྒྱུད། ནད་དགེ་བའི་བསྐུལ་མ། གདོན་སངས་རྒྱས་ཀྱི་ཐུགས་རྗེ། རྐྱེན་ཐར་པའི་ལམ་འདྲེན། བདུད་བདེར་གཤེགས་ཀྱི་སྤྲུལ་པ་དང་བཞི་རུ་བཤད་དོ། །དེ་དག་གི་དོན་ནི། སེམས་ཅན་གང་ཞིག་དེ་དག་དང་འཕྲད་པས་དགེ་སྒྲུབ་སྡིག་སྤང་གི་བླང་འདོར་མི་ནོར་བར་འཇུག་པའི་སྐལ་པ་དང་ལྡན་པ་ཡོང་བས་དེ་ལྟར་དུ་གསུངས་པ་ཡིན་པར་མངོན་ནོ། །དེ་ལྟར་འགྱུར་བ་ནི་དུག་གིས་ནད་སེལ་བ་བཞིན་ནོ། །ཞེས་གསུངས་སོ། །
Domain ཆོས་ལུགས།