55312

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་མཐུན་པའི་ཕྱོགས་སུ་འགྲོ་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་ཡངས་པ་ཅན་པ་དག་གིས་རྒྱལ་པོའི་ཁབ་ཏུ་སུ་ཡང་མ་འགྲོ་ཤིག་ཅེས་དྲིལ་བསྒྲགས་པ་བྱས་སོ། །དེ་ནས་དགེ་སློང་མ་རྣམས་དེར་སོང་བ་ན་སུན་ཕྱུང་བ་ལས་སོ། །དགག་བྱ་ནི་ལུས་སྲོག་ལ་སོགས་པ་ལ་གནོད་པའོ། །ཡུལ་འཁོར་གང་ན་དགྲ་བོ་མི་མཐུན་པ་ཡོད་པ་དང་བཅས་པར་འགྲོ་བའི་དགེ་སློང་མ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ཡུལ་འཁོར་གང་ན་དགྲ་བོ་མི་མཐུན་པ་ཡོད་པ་དང་བཅས་པར་འགྲོ་བ་ནི། འགྲོ་བ་ལས་གྱུར་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།