55316

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་མཐུན་པའི་འདུ་ཤེས་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། འདུ་ཤེས་རྣམས་ལ་ནད་ཡིན་པར་ཡིད་ལ་བྱེད་པ་ནི། དཔེར་ན་ལ་ལ་ཞིག་ཁམས་མ་སྙོམས་པའི་རྒྱུ་ལས་བྱུང་བའི་ནད་ཀྱི་སྡུག་བསྔལ་ལ་མི་མཐུན་པར་འདུ་ཤེས་པར་འགྱུར་བ། འདུ་ཤེས་རྣམས་ལ་འབྲས་བུ་ཡིན་པར་ཡིད་ལ་བྱེད་པ་ནི། སྔོན་གྱི་ལས་ཀྱི་རྒྱུ་ལས་བྱུང་བའི་འབྲས་བུ་སྡུག་བསྔལ་ལ་མི་མཐུན་པར་འདུ་ཤེས་པར་འགྱུར་བ། འདུ་ཤེས་རྣམས་ལ་ཟུག་རྔུ་ཡིན་པར་ཡིད་ལ་བྱེད་པ་ནི། དགྲ་གཞན་གྱིས་བསྣུན་པའི་ཟུག་རྔུའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ལ་མི་མཐུན་པའི་འདུ་ཤེས་པར་འགྱུར་བ། འདུ་ཤེས་རྣམས་ལ་སྡིག་པ་ཡིན་པར་ཡིད་ལ་བྱེད་པ་ནི། གཉེན་དང་ལོངས་སྤྱོད་ལ་སོགས་པ་ལས་གྱུར་པའི་ཕོངས་པ་རྣམས་ལ་རང་གི་ལོག་པར་རྟོག་པའི་སྡིག་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ལ་མི་མཐུན་པར་འདུ་ཤེས་པར་འགྱུར་བའོ། །
Domain ཆོས་ལུགས།