55320
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་ཅན་གང་ཡང་རུང་བ་ཞིག་གཞི་གང་ཡང་རུང་བ་ཡིན་པར་རིགས་པས་སྒྲུབ་པའི་ཚེ་རྟགས་རང་ཉིད་དང། ཆོས་ཅན་དེ་གཉིས་བསྒྲུབ་བྱའི་ཆོས་དེ་ཡིན་པར་ཆོས་མི་མཐུན་པ་ཙམ་ལ་དེའི་མི་མཐུན་ཕྱོགས་དང། ཆོས་ཅན་གང་ཡང་རུང་བའི་སྟེང་དུ་གཞི་གང་ཡང་རུང་བ་ཡོད་པར་རིགས་པས་སྒྲུབ་པའི་ཚེ་རང་ཉིད་དང་བསྒྲུབ་བྱའི་ཆོས་དེ་གཉིས་ཆོས་ཅན་དེའི་སྟེང་དུ་ཡོད་པར་མི་མཐུན་པ་ལ་དེའི་མི་མཐུན་ཕྱོགས་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་ཡོངས་འཛིན་རྟགས་རིགས་ལས། དེ་སྒྲུབ་ཀྱི་སྒྲུབ་ཚུལ་དང་མི་མཐུན་པར་མི་རྟག་པས་སྟོང་བ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད། མི་རྟག་པ་མ་ཡིན་པ་དང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་གཉིས་ཡིན་ཁྱབ་མཉམ་ཡིན་ཞེས་གསུངས་པའི་ཕྱིར། མི་མཐུན་ཕྱོགས་ལ་དབྱེ་ན། གཞན་པ་མི་མཐུན་ཕྱོགས། འགལ་བ་མི་མཐུན་ཕྱོགས། མེད་པ་མི་མཐུན་ཕྱོགས་དང་གསུམ་ཡོད་དེ། ཚད་མ་ཡིད་ཀྱི་མུན་སེལ་ལས། མི་མཐུན་ཕྱོགས་ལ་དབྱེ་ན། གཞན་པ། འགལ་བ། མེད་པ་མི་མཐུན་ཕྱོགས་དང་གསུམ་སྟེ་ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |