From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མི་མཐུན་ཕྱོགས་ཀྱི་གཞི་ཤེས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རང་རྒྱུད་པ། བདག་མེད་རྟོགས་པའི་ཤེས་རབ་ཀྱི་མི་མཐུན་ཕྱོགས་བདེན་འཛིན་དང་བཅས་པའི་ཐེག་དམན་གྱི་ལམ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྟོད་ཆ་ལས། བདེན་འཛིན་གྱིས་བཅིངས་པའི་རིགས་སུ་གནས་པའི་ཐེག་ཆེན་གྱི་རྟོགས་རིགས་སུ་མི་གནས་པའི་ཐེག་དམན་འཕགས་པའི་མཁྱེན་པ། སྤྱིར་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། སྤྱིར་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། འབྲས་ཡུམ་ལ་རིང་བའི་གཞི་ཤེས་དོན་གཅིག དེ་ལ་དབྱེ་ན་ཐེག་དམན་གྱི་མཐོང་སྒོམ་མི་སློབ་ལམ་གསུམ་ཡོད། ས་མཚམས་ཐེག་དམན་གྱི་མཐོང་ལམ་ནས་མི་སློབ་ལམ་གྱི་བར་དུ་ཡོད།
|
| Domain
|
ཆོས་ལུགས།
|
མི་མཐུན་ཕྱོགས་ཀྱི་གཞི་ཤེས་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད་ནི། ཐབས་ཁྱད་པར་ཅན་གྱིས་དངོས་སུ་མ་ཟིན་པའི་ཐེག་དམན་འཕགས་པའི་རྒྱུད་ཀྱི་གཞི་ཤེས་སུ་དམིགས་པའོ། །ས་མཚམས་ནི། ཐེག་དམན་གྱི་འཕགས་ལམ་མཐའ་དག་གི་སའི་གནས་སྐབས་ན་ཡོད་དོ། །
|