55328
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱོགས་ཆོས་གཏན་ཚིགས་དགུ་ལས་དངོས་ཀྱི་མ་ངེས་པའི་རྟགས་བཞིའི་ཡ་གྱལ་ཏེ། རྟགས་དེ་གསལ་བ་དེའི་མི་མཐུན་ཕྱོགས་ལ་ཁྱབ་ཅིང་མཐུན་ཕྱོགས་ལ་ཁྱབ་མ་ཁྱབ་གཉིས་ཀའི་ཆ་ཡོད་པ། |
| Example | སྒྲ་ཆོས་ཅན། རྩོལ་བྱུང་མིན་ཏེ། མི་རྟག་པའི་ཕྱིར། དཔེ་ནམ་མཁའ་དང་གློག་དང་བུམ་པ་བཞིན། ཞེས་པ་ལྟ་བུ། མི་རྟག་པ་དེ་སྒྲ་རྩོལ་བྱུང་མིན་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་ཅིང༌། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་རྩོལ་བྱུང་ལ་མི་རྟག་པས་ཁྱབ། རྩོལ་བྱུང་མིན་པ་ལ་རྟག་མི་རྟག་གཉིས་ཀ་ཡོད་པའོ། ། |
| Domain | ཚད་མ། |