55331
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། མཉན་བྱ་ཡིན་པའི་ཕྱིར་ཞེས་པའི་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་དེའི་སྐབས་བབ་ཀྱི་ཕྱིར་རྒོལ་དེས་རྟགས་མཉན་བྱ་ལྟ་བུ་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་རྟག་པ་ལ་ཡོད་ཀྱང་མ་མཐོང་ཞིང་། མི་མཐུན་ཕྱོགས་རྟག་པ་ལ་མེད་ནས་མ་མཐོང་བ་དང་། རྟགས་དེ་དེ་སྒྲུབ་ཀྱི་རྩོད་གཞི་ཁོ་ན་ལ་ཡོད་པར་མཐོང་ནས་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་ལ་ཡང་ཡོད་པར་མ་མཐོང་བའི་མ་ངེས་པའི་གཏན་ཚིགས་ཡིན་པས་ན། མི་མཐུན་ཕྱོགས་ལ་མེད་ནས་མ་མཐོང་ཞིང་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་མ་མཐོང་བའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཞེས་བྱ་བ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡང་ཡོད་པར་མ་ངེས། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡང་ཡོད་པར་མ་ངེས་པ། ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། གཉིས་པ་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ལ་དབྱེ་ན། མཐུན་ཕྱོགས་ལ་མེད་ནས་མ་མཐོང་ཞིང་། མི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་མ་མཐོང་བའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས། མི་མཐུན་ཕྱོགས་ལ་མེད་ནས་མ་མཐོང་ཞིང་། མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་མ་མཐོང་བའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཞེས་དང་། གཉིས་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |