55384
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉེས་པ་བྱས་པ་བཟོད་པའི་ཕྱིར་བཟོད་པའི་སྟོབས། སེམས་ཅན་ཐམས་ཅད་ཀྱི་སོམ་ཉི་གཅོད་པའི་ཕྱིར་ཡེ་ཤེས་ཀྱི་སྟོབས། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡོངས་སུ་ཤེས་པའི་ཕྱིར་མངོན་པར་ཤེས་པའི་སྟོབས། སོ་སོ་ཅི་རིགས་པར་ཆོས་སྟོན་པའི་ཕྱིར་ཐབས་ཀྱི་སྟོབས་སོ། ། |
| Domain | ཆོས་ལུགས། |