55410
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚེ་རབས་ལས་རྩིས་ཀྱི་སྤྱི་བསྡུས་རྡེའུ་བརྒྱ་དང་སོ་དྲུག་གི་ཡ་གྱལ་ཏེ། ཕ་ཀླུང་ཞེས་པ་བརྩི་བྱ་སོ་སོ་སྐྱེས་པའི་ལོ་དེར་རང་གི་ཕར་བབས་པའི་ལོག་མེན་ལོ་དང་། མ་ཀླུང་ཞེས་པ་དུས་དེར་མར་བབས་པའི་ལོག་མེན་ལོ། བབས་སྤར། བབས་སྨེ། རང་ཀླུང་ཞེས་པ་རང་སྐྱེས་ཟླ་བ་བཅས་ཀྱི་རྡེལ་ལ་ཟེར་ཞིང་། དེ་དག་ལས་ཕ་ཀླུང་ལ་རྡེལ་དཀར་གཅིག་དང་། མ་ཀླུང་གསུམ་ལ་རྡེལ་ནག་རེ། རང་ཀླུང་ལ་རྡེལ་དཀར་གཉིས་བཅས་ངོས་འཛིན་རྡེལ་དུ་འཇོག་པས་མི་འགྱུར་ཀླུང་གི་རྡེལ་ལྔ་ཟེར་བ་ཡིན། དེ་དག་ལས་ཕ་ཀླུང་ལ་རྡེལ་ནག་རེ། རང་ཀླུང་ལ་རྡེལ་དཀར་གཉིས་བཅས་ངོས་འཛིན་རྡེལ་དུ་འཇོག་པས་མི་འགྱུར་ཀླུང་གི་རྡེལ་ལྔ་ཟེར་བ་ཡིན། གལ་སྲིད་བརྩི་བྱ་བུད་མེད་ཡིན་ན་ཕ་ཀླུང་གི་ཚབ་ཏུ་མའི་ལོག་མེན་ལྟ་བུ་བཞག་ནས་མ་ཀླུང་བཞི་དང་། རང་ཀླུང་གཅིག་བཅས་ལྔ་རུ་འདྲེན་ཞིང་། དཔགས་བསམ་ལྗོན་ཤིང་དུ་ཀླུང་རྡེལ་ལྔ་འདྲེན་ཚུལ་འབྱུང་རྩིས་ཟླ་ཟེར་གྱི་ལུགས་འདི་དང་ཅུང་ཟད་འདྲ་བར་ཕ་ཀླུང་གཅིག་པོ་བརྩི་བྱ་དག་གི་ཕའི་རང་ལོ་དང་། བུད་མེད་ཡིན་ན་དེའི་ཚབ་ཏུ་མའི་རང་ལོ་བཞག་འདུག |
| Domain | རྩིས་རིག |