55411

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་འགྱུར་གཡུང་དྲུང་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་ཉེར་བཞི་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། གང་གིས་བཅོས་སླད་བསྒྱུར་མེད་པར། གཡུང་དྲུང་བོན་ལ་མོས་བྱེད་ནས་༼ན། ༽ མི་འགྱུར་གཡུང་དྲུང་ཕྱག་རྒྱ་ཡིན། ཞེས་གསུངས་པས། དེ་དག་གི་ཚིག་དོན་ནི། གང་ཟག་གང་གི་འདོད་དབང་གིས་བཅོས་བསྒྱུར་གྱི་བསླད་མེད་ཅིང་། གདུལ་བྱ་བློ་རབ་འབྲིང་ཐ་གསུམ་རང་རང་གི་ཁམས་དང་མོས་པ་གང་བདེར་བསོད་ནམས་ཀྱི་དཔལ་དུ་ཤར་བའི་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ལ་སྟེང་གི་ལྷ་དང་། བར་གྱི་མི། འོག་གི་ཀླུ་ལ་སོགས་གདུལ་བྱ་ཀུན་གྱིས་དད་པ་དང་མོས་པའི་ཡུལ་དུ་བྱེད་པ་ཡང་དུས་གསུམ་ཀུན་ཏུ་འགྱུར་བ་མེད་པའི་ཕྲིན་ལས་སུ་སྟོན་པར་མཛད་པའི་དོན་ནོ། །
Domain ཆོས་ལུགས།