From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མི་འགྱུར་བ་ (1)
| Part of speech
|
མིང་ཚིག
|
| Definition
|
ངོ་བོ་དང་རྣམ་པ་བཅས་སྔར་ལུགས་ལྟར་བརྟན་པོར་གནས་པའི་དོན།
|
| Example
|
བློ་མི་འགྱུར་བ། མི་འགྱུར་བའི་བརྩེ་དུང་ལྟ་བུ།
|
མི་འགྱུར་བ་ (2)
| Part of speech
|
མིང་ཚིག
|
| Definition
|
ནམ་མཁའ་སྟེ། གང་དུའང་འགྲོ་རྒྱུ་མེད་པས་ནའོ། །
|
| Type
|
མངོན་བརྗོད།
|
མི་འགྱུར་བ་ (3)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཇི་ལྟར་ཟླ་བ་ནི་ཚེེས་གཅིག་ལ་སྔར་སྒྲིབ་བྱེད་ཀྱི་གྲིབ་མས་བསྒྲིབས་པ་ཆ་གཅིག་པར་བསལ་བས། ཆ་ཤས་དང་པོ་ཤར་བ་ནས་བརྩམས་ཏེ། རིམ་པས་ཆ་ཤས་རྣམས་ཀྱི་གྲིབ་མ་བསལ་བས་ནི་མཐར་ཚེས་བཅོ་ལྔ་ལ་ཟླ་བའི་ཆ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་འཇིག་རྟེན་ན་གྲགས་ཀྱང་། སྒྲིབ་བྱེད་ཀྱི་གྲིབ་མ་རྣམས་ཉམས་པའི་རིམ་པ་རྫོགས་པ་ཙམ་ཡིན་གྱི། ཟླ་བའི་དཀྱིལ་འཁོར་གྱི་ངོ་བོར་དང་པོ་ནས་ཆད་པ་མེད་པས། ཕྱིས་རྫོགས་པའང་མིན་ནོ། །དེ་བཞིན་དུ་མི་འགྱུར་བའི་ཡེ་ཤེས་ཀྱང་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་བཞིའམ། ས་བཅུ་གཉིས་ལ་སོགས་པའི་རིམ་པས་ཤར་ཏེ། ས་བཅུ་གཉིས་ཀྱི་མཐར་ཐུག་པས་ནི་མི་འགྱུར་བའི་བདེ་བ་རྫོགས་པར་འགྱུར་ཞེས་རྣལ་འབྱོར་པའི་སེམས་སྣང་དང་བསྟུན་ནས་བཤད་མོད་ཀྱང་། ཉོན་མོངས་པ་ལ་སོགས་པ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་སྒྲིབ་པའི་ཁྱད་པར་གཞན་རྣམས། ཉམས་ཤིང་སྤངས་པའི་རིམ་པ་རྫོགས་པ་ཡིན་གྱི། མི་འགྱུར་བའི་ཡེ་ཤེས་ནི་གདོད་མ་ནས་གནས་པའི་ཕྱིར། དང་པོར་མ་ཚང་ཞིང་ཆད་པ་མེད་པས། ཕྱིས་རྫོགས་པའང་མིན་ཏེ། བསལ་བཞག་མེད་པའི་ཕྱིར་རོ། །
|
| Domain
|
ཆོས་ལུགས།
|