55426
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ༡ སྲོག་ཡོངས་སུ་སྐྱོབ་པ་ནི། དེ་ལ་སྲོག་བྱིན་པས་ནི། ལྷ་དང་མི་རྣམས་སུ་ཚེ་རིང་བར་འགྱུར་རོ། ། ༢ ནོར་འཕྲོག་པ་ཡོངས་སུ་སྐྱོབ་པ་ནི། ནོར་འཕྲོག་པ་ཡོངས་སུ་བསྐྱབས་པ་ལས་རྐུན་མ་ལས་ལེགས་པར་བསྲུངས་པར་འགྱུར་རོ། །ནོར་རྣམས་དང་ཡང་ལྡན་པར་འགྱུར་རོ། །རྒྱལ་པོ་དང་། རྐུན་མ་དང་། ཆུ་ལ་སོགས་པས་འདིའི་ནམ་ཡང་རྫས་རྣམས་འཕྲོག་པར་མི་འགྱུར་རོ། །རྒྱལ་པོར་འགྱུར་བ་དང་། རྒྱལ་པོའི་བློན་པོ་རྣམས་སུ་འགྱུར་བ་དང་། ལས་དེའི་འབྲས་བུས་རྫུ་འཕྲུལ་ཆེ་བར་འགྱུར་བ་དང་། དབང་ཆེ་བ་དང་། སྐྱེ་བ་གཞན་ཐམས་ཅད་དུའང་ནོར་དང་ལྡན་པར་འགྱུར་རོ། ། ༣ གཞན་གྱི་བུ་དང་བུ་མོ་འཕྲོག་པ་ཡོངས་སུ་སྐྱོབ་པ་ནི། བུ་དང་བུ་མོ་རྣམས་ཀྱི་མི་འཇིགས་པ་བྱིན་པས་ནི། བུ་དང་བུ་མོ་རྣམས་ལེགས་པར་བཟུང་བར་འགྱུར་རོ། །ལྷ་དང་མི་རྣམས་སུ་འཆི་འཕོ་བའི་དུས་ཀྱི་ཚེ་ནའང་དེ་ལྟར་རྣམ་པར་མི་སྤོང་ངོ་། ། |
| Domain | ཆོས་ལུགས། |