From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁོང་ཁྲོ་ (1)
| Part of speech
|
མིང་ཚིག
|
| Definition
|
མངོན་པ། ཁོང་ཁྲོ་ཞེས་པ་ནི། སེམས་ཅན་སོགས་དམིགས་ཡུལ་གསུམ་པོ་གང་རུང་ལ་དམིགས་ནས་མི་བཟོད་ཅིང་གནོད་པར་བྱེད་འདོད་པ་ཀུན་ནས་མནར་སེམས་པའི་སེམས་བྱུང་ཞིག་ལ་ཟེར། ཁོང་ཁྲོའི་དམིགས་ཡུལ་གསུམ་ནི། སེམས་ཅན་དང། རང་རྒྱུད་ཀྱི་སྡུག་བསྔལ་རྣམས་དང། སྡུག་བསྔལ་དེ་དག་གང་ལས་བྱུང་བའི་གནས་རྣམས་སོ། །དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ཁོང་ཁྲོ་གང་ཞེ་ན། སེམས་ཅན་རྣམས་དང་སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། ཁོང་ཁྲོའི་བྱེད་ལས་ནི། ཚེ་འདིར་བདེ་བ་ལ་རེག་པར་མི་གནས་པ་དང་། ཕྱི་མ་ལ་སྡུག་བསྔལ་དཔག་མེད་སྐྱེ་བའོ། །
|
| Domain
|
ཆོས་ལུགས།
|
ཁོང་ཁྲོ་ (2)
| Part of speech
|
མིང་ཚིག
|
| Definition
|
ཁོང་ཁྲོ་བ་ནི། ཀུན་ནས་མནར་སེམས་ཀྱི་གཞིའི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པའི་སེམས་བྱུང་ངོ་། །ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །
|