55460
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མངོན་པ། རྣམ་པར་མི་འཚེ་བ་ཞེས་པ་ནི། ཀུན་ནས་མནར་སེམས་མེད་པར་སེམས་ཅན་སྡུག་བསྔལ་ཅན་ལ་དམིགས་ནས་དེ་དག་དང་བྲལ་ན་སྙམ་པའི་བརྩེ་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། རྣམ་པར་མི་འཚེ་བ་གང་ཞེ་ན། ཞེ་སྡང་མེད་པའི་ཆར་གཏོགས་པ། སྙིང་རྗེ་བའི་སེམས་ཉིད་དེ། མཐོ་མི་འཚམས་པའི་ལས་ཅན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |