55466

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་འོས་པའི་ཆ་ (1)
Part of speech མིང་ཚིག
Definition ཆའི་རྒྱན་གྱི་ནང་གསེས་གཉིས་པ་སྟེ། བསྒྲིབ་བྱ་དངོས་པོའི་རང་བཞིན་མི་འོས་པའི་སྐྱོན་མཚང་གི་རྣམ་པ་ངེས་པར་གསལ་བ་དེ། སྒྲིབ་བྱེད་དངོས་པོ་དེ་དང་ཆོས་མཐུན་ཞིང་འོས་པའི་ཆོས་གང་ཡང་རུང་བ་ཞིག་བརྗོད་པའི་ཟོལ་གྱིས་སྦེད་པར་བྱེད་པའི་ཚིག་སྦྱོར་ལྟ་བུ་ཞིག་ལ་ཟེར།
Example བོད་མཁས་པས། ཆས་བཟང་མཛེས་མའི་དབུས་སུ་དཀའ་ཐུབ་ཅན། །བཞིན་ཉམས་ལུས་ཀྱི་འཁྲི་ཤིང་འདར་བ་ཡང་། །ངེས་འབྱུང་གསར་བ་རྒྱས་པས་འཁོར་བ་ཡི། །རང་བཞིན་དྲན་པའི་ལགས་མོད་གཞན་དུ་ཅི། །ལྟ་བུ།
Domain རྩོམ་རིག

{{#arraymap:མི་འོས་པའི་ཆ་

|; |@@@ | | }}