55472
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བདུན་པའི་ནང་བོད་ཆོས་རྒྱལ་གྱི་གདུང་རྒྱུད་བསོད་ནམས་རྡོ་རྗེ་ཞེས་བྱ་བའི་སྲས་སུ་འཁྲུངས་ཤིང༌། འཕགས་ཡུལ་གྱི་པཎ་ཆེན་ནགས་ཀྱི་རིན་ཆེན་དང༌། ལོ་ཆེན་བསོད་ནམས་རྒྱ་མཚོ། བྱང་བདག་རྣམ་རྒྱལ་གྲགས་བཟང༌། བྲང་ཏི་དཔལ་ལྡན་འཚོ་བྱེད་སོགས་མཁས་གྲུབ་ཀྱི་སློབ་དཔོན་མང་དུ་བསྟེན། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་འགྲེལ་གྱི་བསྟན་བཅོས་དང༌། ཁྱད་པར་གསོ་བ་རིག་པ་ལ་ཕུལ་དུ་བྱུང་བའི་མཁས་པར་གྱུར། གསུང་རྩོམ་ཡང་དཔལ་ལྡན་རྒྱུད་བཞིའི་འགྲེལ་པ་བཀོད་པ་རྣམ་བཞི། རྩ་མདོའི་འགྲེལ་པ་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་སོགས་མཛད། གསོ་རིག་གི་བསྟན་པ་སྤྱི་དང་ཁྱད་པར་དུ་བྱང་བདག་རྣམ་རྒྱལ་གྲགས་བཟང་གི་བཞེད་སྲོལ་དར་རྒྱས་སུ་མཛད། |