5548
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཁོང་ཁྲོ་སྐྱེས་པ་ཙམ་གྱིས་མི་སྡུག་པའི་གཟུགས་སུ་བྱེད་ཅིང། དམ་པ་མིན་པར་བཀྲི་བར་བྱེད་པ་དང་། ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་པར་བྱེད་ཅིང། མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་བསྐྱུར་བར་བྱེད་པའི་ཕྱིར་རོ། །ཞེས་དང་། ཚེ་འདིར་དོན་མེད་པར་མ་ཟད་ཁོང་ཁྲོ་ནི་འཇིག་རྟེན་ཕ་རོལ་དང་ཡང་འགལ་བར་འགྱུར་ཏེ། རྣམ་སྨིན་ཡིད་དུ་མི་རུང་བ་འཕེན་པར་བྱེད་པའི་ཕྱིར། གཞན་ལ་གནོད་ལན་དུ་གནོད་པ་དང་ནི་ཁྲོ་བས་ཕྱིར་ཏེ་སླར་ཡང་སྡུག་བསྔལ་གྱི་ས་བོན་ཉིད་དུ་ཇི་ལྟ་བུར་ན་ཁྲིད་པར་བྱེད་དེ། སྔོན་རང་གིས་བྱས་པའི་མི་དགེ་བའི་ལས་ཀྱི་འབྲས་བུ་གང་ཟད་པར་བྱེད་པ་བརྗོད་པར་འདོད་པ་ནི། གཞན་གྱིས་རང་ལ་གནོད་པར་བྱས་པའི་སྡུག་བསྔལ་མྱོང་བ་དེ་ཉིད་ཀོ་ཡིན་པའི་ཕྱིར། དཔེར་ན་སྨན་པས་གཙག་བུ་རྣོན་པོས་གཏར་བའི་སྡུག་བསྔལ་བཟོད་དགོས་པ་དེ་བཞིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། |
| Domain | ཆོས་ལུགས། |