55519
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་བསྡུས་པ་ལས་བྱུང་བ་སྟེ། ༡ མི་རྟག་པའི་འདུ་ཤེས། ༢ མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས། ༣ སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས། ༤ ཟས་ལ་མི་མཐུན་པའི་འདུ་ཤེས། ༥ འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས། ༦ ཉེས་དམིགས་སོ་སོར་རྟོག་པའི་འདུ་ཤེས། ༧ སྤོང་བ་སོ་སོར་རྟོག་པའི་འདུ་ཤེས། ༨ འདོད་ཆགས་དང་བྲལ་བ་སོ་སོར་རྟོག་པའི་འདུ་ཤེས། ༩ འགོག་པ་སོ་སོར་རྟོག་པའི་འདུ་ཤེས། ༡༠ འཆི་བ་སོ་སོར་རྟོག་པའི་འདུ་ཤེས། ༡༡ མི་སྡུག་པ་སོ་སོར་རྟོག་པའི་འདུ་ཤེས། ༡༢ རྣམ་པར་བསྡོས་པ་སོ་སོར་རྟོག་པའི་འདུ་ཤེས། ༡༣ རྣམ་པར་རྣགས་པ་སོ་སོར་རྟོག་པའི་འདུ་ཤེས། ༡༤ རྣམ་པར་བམ་པ་སོ་སོར་རྟོག་པའི་འདུ་ཤེས། ༡༥ རྣམ་པར་འབུས་གཞིག་པ་སོ་སོར་རྟོག་པའི་འདུ་ཤེས། ༡༦ རྣམ་པར་ཟོས་པ་སོ་སོར་རྟོག་པའི་འདུ་ཤེས། ༡༧ རྣམ་པར་དམར་བ་སོ་སོར་རྟོག་པའི་འདུ་ཤེས། ༡༨ རྣམ་པར་འཐོར་བ་སོ་སོར་རྟོག་པའི་འདུ་ཤེས། ༡༩ རུས་གོང་སོ་སོར་རྟོག་པའི་འདུ་ཤེས། ༢༠ སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཐོབ་པ་བཅས་སོ། ། |
| Domain | ཆོས་ལུགས། |