55527
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། (ཐལ་འགྱུར་པའི)་ལུགས་འདི་ལ་དེ་ཁོ་ན་ཉིད་མ་མཐོང་བར་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པ་མི་སྲིད་དེ། དེ་མངོན་སུམ་དུ་རྟོགས་པ་ལ་འགོག་བདེན་དང་། ལམ་བདེན་གྱི་མཚན་ཉིད་བརྒྱད་པོ་མངོན་སུམ་དུ་རྟོགས་དགོས། དེ་མངོན་(སུམ་)དུ་རྟོགས་པ་ལ་འགོག་བདེན་དང་ལམ་བདེན་མངོན་སུམ་དུ་རྟོགས་དགོས། འགོག་བདེན་མངོན་སུམ་རྟོགས་ན་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་དགོས་པའི་ཕྱིར་ཏེ། འགྲེལ་པར་དེ་ལ་སྡུག་བསྔལ་དང་། ཀུན་འབྱུང་དང་། ལམ་གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་སོ། །འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པའི་རང་གི་ངོ་བོའོ་ཞེས་གསུངས་པས་སོ། །ཞེས་ཀུན་མཁྱེན་གོ་རམས་པས་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |