55537
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། ༡ ཡུལ་ཕྱོགས་ཀྱིས་རྐུ་བ་ནི། གང་གི་ཚེ་ན་ཁོ་བོ་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་ཆེ་གེ་མོ་ཞིག་ཏུ་མཐོང་བ་དེའི་ཚེ་ཁྱོད་ཀྱིས་བྱ་བ་དེ་བྱས་པར་ཤེས་པར་གྱིས་ཤིག་ཅེས་བྱ་བའོ། ། ༢ བརྡས་རྐུ་བ་ནི། གང་གི་ཚེ་ཁོ་སྔ་དྲོའམ་གུང་ཚིགས་སམ། ཕྱེམ་འཕྲེད་མཐོང་བ་དེའི་ཚེ་ཁྱོད་ཀྱིས་བྱ་བ་དེ་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་བརྡས་སོ། ། ༣ མཚན་མས་རྐུ་བ་ནི། གང་གི་ཚེ་ཁོ་བོ་སྐྲ་དང་ཁ་སྤུ་བྲེག་ནས་རིང་པོར་མ་ལོན་པའམ། སྣམ་སྦྱར་དམར་སེར་རམ། ཞ་ཉེའི་དབྱར་འདབ་ཀྱིས་གླན་པའི་ལྷུང་བཟེད་དམ། འཁར་བ་སྦུབས་ཅན་ནམ། བུ་རམ་གྱི་དབུ་བའི་ལྷུང་བཟེད་ཐོགས་པར་མཐོང་བ་དེའི་ཚེ་ཁྱོད་ཀྱིས་བྱ་བ་དེ་ཤེས་པར་གྱིས་ཤིས་ཅེས་བྱ་བ་སྟེ། དེ་ལྟར་མཚན་མས་སོ། ། |
| Domain | ཆོས་ལུགས། |