55554

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ལ་སྲིད་པའི་འདྲེ་དགུ་ (1)
Part of speech མིང་ཚིག
Definition བོན། མི་ཡི་ཕྱྭ་གཡང་རློམ་པའི་འགོང་པོའམ་འབྱུང་པོ་རིགས་ཞིག་སྟེ། དེ་ལ་འགོང་པོ་སྤུན་དགུ་ཞེས་ཀྱང་བྱའོ། །དགུ་ནི། རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང་ལས། ས་ཡི་བང་མིག་དགུ་བཏོད། དེ་སྟེང་དུ་ཐལ་བས་ཚོམ་བུ་དགུ་བླུག་པས་དབུས་སུ་མི་ལུས་རི་བོང་མགོ་ཅན་དང་། དེའི་ཕྱི་རིམ་དུ་མི་ལུས་བོང་བུའི་མགོ་ཅན་དང། བྱའི་མགོ་ཅན་ད་ང། གཅན་སྤྱང་གི་མགོ་ཅན། ཁྱིའི་མགོ་ཅན། ར་ཡི་མགོ་ཅན། བྱི་སྦས་མགོ་ཅན། ཕག་གི་མགོ་ཅན། བུད་མེད་མགོ་ཅན་ལུས་ཅན་དེ་རྣམས་བཀོད། ཅེས་དང། རྣམ་རྒྱལ་ཕྱྭ་གཡང་དམུ་ཞགས་འཁྱིལ་བ་ལས། ཀྱེ་མི་ལ་བློ་རྐུན་རི་བོང་མགོ །མི་ལ་ཙ་ཀྲ་བོང་བུའི་མཆུ། མི་ལ་བསེ་རག་བྱ་ཡི་མཆུ། མི་ལ་གོད་འདྲེ་གཅན་གཟན་གདོང་། མི་ལ་ཁ་ངན་ཁྱི་ཡི་མགོ། མི་ལ་ཐེའུ་རང་ར་ཡི་མགོ། མི་ལ་བརྒྱན་ཁྱེར་བྱིས་པའི་གཟུགས། མི་ལ་ཟས་འཕྲོགས་བུད་མེད་ལུས། མི་ལ་ངུར་མོ་ཕག་གི་སྣ། མི་ལ་སྲིད་པའི་འདྲེ་དགུ་ཁྱོད། ཅེས་སོ། །དེ་དག་ནི་ཕྱྭ་དང་གཡང་གི་བྱེད་སྒོ་སྤེལ་སྐབས་ཐོག་མ་ཟན་གྱིས་གཟུགས་རིས་སྤར་བའམ་བཟོ་ཞིང་། དེ་དང་ལྷན་དུ་འགོང་རྫས་མང་པོ་བསགས་ནས་བཀར་ཡོད། བཅའ་སྟངས་ནི་གཡང་གླུད་ལ་གཟིགས། སྐྱེལ་བྱེད་ཆོ་ག་ནི་མང་པོ་ཡོད། ཆོ་གའི་སྐད་ལའང་གླུད་སྐད་བྱའོ། །
Domain ཆོས་ལུགས།