55558
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་ལེའུ་ཉེར་ལྔ་པ་མུ་སྟེགས་ཅན་ལུང་བསྟན་པའི་ལེའུ་ལ་བྱུང་བ་སྟེ། ༡ ངོ་མཚར་དུ་འཛིན་པ་ཅན་ཡིན། ༢ འཕགས་པ་དང་བསྟེན་པ་ཡིན། ༣ འཕགས་པ་མ་ཡིན་པ་ལ་སྨོད་པ་ཡིན། ༤ དགེ་བ་བྱེད་པ་ཡིན། ༥ མངོན་རྟགས་འདོད་པ་ཡིན། ༦ གྲགས་པ་འདོད་པ་ཡིན། ༧ སྙན་པ་འདོད་པ་ཡིན། ༨ བཟོ་ལ་དགའ་བ་ཡིན། ༩ ཤེས་པ་ལ་དགའ་བ་ཡིན། ༡༠ ཉོན་མོངས་པ་ཆུང་བ་ཡིན། ༡༡ ཁྲེལ་ཡོད་ཅིང་ངོ་ཚ་ཤེས་པ་ཡིན། ༡༢ རིགས་ཀྱི་བུའི་ཚུལ་ཕུན་སུམ་ཚོགས་པ་ཡིན། ༡༣ བྱས་པ་གཟོ་བ་ཡིན། ༡༤ མཛའ་བོ་ལ་གདུང་པ་ཡིན། ༡༥ ཡོངས་སུ་གཏོང་བ་དང་ལྡན་པ་ཡིན། ༡༦ བྱེ་བྲག་ཤེས་པ་ཡིན། ༡༧ བྱས་པ་དང་མ་བྱས་པ་ལ་རྟོག་པ་ཡིན། ༡༨ ཚིག་གི་མཐུ་ཡོད་པ་ཡིན། ༡༩ གྲོས་གཟུང་བར་བྱ་བའི་མཐུ་ཡོད་པ་ཡིན། ༢༠ འདུམ་པར་བྱ་བ་ལ་མཁས་པ་ཡིན། ༢༡ འཐབ་མོ་བྱ་བ་ལ་མངོན་པར་མཁས་པ་ཡིན། ༢༢ ཕོ་ཉ་ནུས་པ་ཡིན། ༢༣ སྐད་ཐམས་ཅད་འཛིན་པའི་མཐུ་ཡོད་པ་ཡིན། ༢༤ གནས་དང་གནས་མ་ཡིན་པ་ལ་མངོན་པར་ཤེས་པ་ཡིན་པ་བཅས་སོ། ། |
| Domain | ཆོས་ལུགས། |