55572
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཟུགས་རྒྱན་གྱི་ནང་གསེས་དགུ་པ་སྟེ། གཟུགས་སུ་བཀོད་པའི་དཔེ་གཉིས་པོ་ཕན་ཚུན་མཉམ་དུ་འགྲོགས་པར་མི་འོས་པ་ཞིག་གཟུགས་སུ་བཀོད་པ་ཞིག་ཡིན་ལ། མི་འོས་པའི་གཟུགས་ཅན་ཡང་ཟེར། |
| Example | བོད་མཁས་པས། ཁྱོད་གདོང་ངམ་ནག་མུན་པའི་འཁོར་ས་ཆེ། །སྨིན་འཁྱོག་བསྐལ་མེས་རབ་འཁྱུད་སྤྱན་གྱི་ཉི། །གཟིགས་པའི་གར་རེས་སྙིང་ལ་བདུད་རྩིའི་རོ། །སྦྱིན་ཕྱིར་དབྱིངས་ནས་ཁྲོས་དེ་ཚོགས་བདག་ལྷའོ། །ཞེས་པ་ལྟ་བུ། |
| Domain | རྩོམ་རིག |