55578

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ལྡན་རྣམ་གཅོད་ཀྱི་སྒྲ་ (1)
Part of speech མིང་ཚིག
Definition སྒྲ་དེས་ཆོས་དེ་གཞི་དེ་ལ་མི་ལྡན་པ་རྣམ་པར་བཅད་ནས་དེ་དང་ལྡན་པ་གོ་བར་བྱེད་པའི་ཉན་བྱ་དེ་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། རྗོད་བྱེད་ཀྱི་སྒྲ་ལ་རྣམ་གཅོད་ཀྱི་སྒོ་ནས་དབྱེ་ན། མི་ལྡན་རྣམ་གཅོད་ཀྱི་སྒྲ། གཞན་ལྡན་རྣམ་གཅོད་ཀྱི་སྒྲ། མི་སྲིད་རྣམ་གཅོད་ཀྱི་སྒྲ་དང་གསུམ་ཡོད་དེ། རྣམ་འགྲེལ་ལས། ཆོས་ཀྱི་ཚིག་ཕྲད་ཐ་དད་པའི། །དབྱེ་བས་མི་ལྡན་གཞན་ལྡན་དང། །ཤིན་ཏུ་མི་སྲིད་རྣམ་གཅོད་བྱེད། །ཅེས་གསུངས་པའི་ཕྱིར། མཚན་གཞི་རིམ་པ་ལྟར་སྒྲ་མི་རྟག་པ་ཁོ་ན་ཡིན་ཞེས་པའི་ངག་དེ་དང་པོ་ཡིན་ཏེ། དེ་འདྲའི་ངག་དེས་སྒྲ་མི་རྟག་པ་དང་མི་ལྡན་པ་རྣམ་པར་བཅད་ནས་དེ་དང་ལྡན་པ་གོ་བར་བྱེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཚད་མ།
མི་ལྡན་རྣམ་གཅོད་ཀྱི་སྒྲ་ (2)
Part of speech མིང་ཚིག
Definition ཆོས་དེ་གཞི་དེ་ལས་གཞན་ལ་ལྡན་པ་མི་གཅོད་པར་ཆོས་དེ་གཞི་དེ་ལ་མི་ལྡན་པ་རྣམ་པར་བཅད་ནས་ལྡན་པ་ཁོ་ནར་སྟོན་པའི་ངག་ཞིག་ལ་ཟེར་བ་ཡིན་ཏེ། རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པས་མཛད་པའི་ཚད་མ་རིགས་རྒྱན་ལས། གཉིས་པ་རང་ལུགས་བཞག་པ་ནི། མི་ལྡན་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད། ཆོས་དེ་གཞི་དེ་ལས་གཞན་ལ་ལྡན་པ་མི་གཅོད་པར་ཆོས་དེ་གཞི་དེ་ལ་མི་ལྡན་པ་རྣམ་པར་བཅད་ནས་ལྡན་པ་ཁོ་ནར་སྟོན་པའི་ངག དཔེར་ན་སྒྲ་མི་རྟག་པ་ཁོ་ན་ཡིན་ཞེས་པལྟ་བུའོ། །ཞེས་གསུངས་པའི་ཕྱིར།