55591
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། སྔར་བདེན་བཞིའི་གནས་ལུགས་ཀུན་མངོན་སུམ་དུ་མ་ཤེས་པ་ད་ལྟ་མངོན་སུམ་དུ་ཤེས་པ་ལ་ལྷག་པར་དབང་བྱེད་པའི་དབང་པོ་ཞིག་ལ་མི་ཤེས་པ་ཀུན་ཤེས་པའི་དབང་པོ་ཞེས་བརྗོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། ཐེག་པ་རང་ལུགས་ཀྱི་མཐོང་སྤང་སྤོང་བ་ལ་བདག་པོར་གྱུར་པའི་དད་སོགས་ཆོས་ལྔ་གང་རུང་གིས་བསྡུས་པའི་དབང་པོའི་ཡེ་ཤེས། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའི་མཚན་ཉིད། ཅེས་གསུངས། |
| Domain | ཆོས་ལུགས། |